སྣང་བ་གང་ཤར་གྱི་བློ་ཟེ་དོན་གསལ་ཚིག་བསྡུས།

 

བྱེལཝ་ཆེ་བའི་ངེ་གི་མི་ཚེ་འདི།། རང་བསམ་པའི་དོན་དག་སྒྲུབ་དགོ་ལོ།། ཕར་ཕ་མའི་སྐྱིད་སྡུག་མཐོང་དགོ་ལོ།།

སེམས་དགའ་བའི་མི་གིས་དགའ་དགོ་ལོ།། མི་འཛོམས་སའི་སྦུག་ལུ་ལེགས་དགོ་ལོ།། གཡོག་གོ་ས་སྦོམ་ལུ་བལྟ་དགོ་ལོ།།

རོགས་སླབ་པའི་གཏམ་ཚུ་དཔྱད་བལྟ་ཚེ།། དབའེ་འབད་དགོཔ་བཟུམ་འདི་མི་ཚོར་བས།། རང་བསམ་པའི་དོན་འདི་མ་སྒྲུབ་རུང་།།

མཇུག་ཕུག་ལུ་སྒྲུབ་ཅིག་ཤར་ར་ཤར་འོང་།། ཕར་ཕ་མའི་སྐྱིད་སྡུག་མ་མཐོང་རུང་།། ང་ཨ་རྟག་སེམས་ཁར་ངེས་ཏེ་ཡོད།།

སེམས་དགའ་བའི་མི་གིས་མ་དགའ་རུང་།། གཉེན་དམ་ཚིག་ཆེཝ་ཅིག་ཐོབ་རང་ཐོབ།། མི་འཛོམས་པའི་སྦུག་ལུ་མ་ལེགས་རུང་།།

སེམས་མཐུན་པའི་མིག་ཁར་ལེགས་པས་ལོ།། གཡོག་གོ་ས་སྦོམ་འདི་མ་ཐོབ་རུང་།། འབྲུག་གཞུང་ལུ་ཕནམ་ཅིག་ཕྱག་ཞུ་འོང་།།

དུས་ད་རིས་ལེན་གཅིག་རྒྱལ་ཕམ་རུང་།། རང་དམིགས་པའི་ཡུལ་འདི་འཛོལ་མི་མྱོང་།། ཁྱོད་མི་གིས་གནི་དང་གནི་སླབ་རུང་།།

ཕོ་རྒྱལ་ས་ང་ལུ་སྣང་དག་མེད།། ཁྱོད་ད་ལྟོ་ང་ལུ་སྣང་མེད་སྐྱར་ཞིག། མཇུག་ང་ལུ་འཕྲུལ་སྐོར་སྟོན་ཏེ་ཐོན་འོང་།།

རོགས་དཔེ་གཏམ་བཟངམ་ཅིག་གསུངས་ཏེ་འདུག། ཉིནམ་ད་རིས་ཕར་སྦེ་ཨིན་རུང་ར།། ཉིནམ་ནངས་པ་ཚུར་སྦེ་སྡོད་འོང་ལོ།།

ད་ཁྱོད་ཀྱིས་མནོ་སྟེ་སྡོད་སྡོདཔ་འོང་།། མི་སྤྱང་ཀ་ནེ་ར་སེམས་འཁྲུལཝ་འདྲས།། སེམས་འཁྲུལ་བ་འཁྲུལ་ཏེ་སྡོད་ལོང་མེད།།

ཕོ་རྒྱལ་ས་ང་རའི་ཚོར་སྣང་ཨིན།། མི་ངེ་གི་དུས་ཚོད་རན་པའི་ཚེ།། མགོ་ས་དོང་སྤེད་རུང་སྤེད་བི་སྨེ།།

ཡར་གནམ་ཁར་ལྡིང་རུང་ལྡིང་བི་སྨེ།། ཁྱོད་འཇོན་ཐངས་ཅན་ཅིག་ཨིན་ཨིན་འདྲ།། ང་སླབ་པའི་གཏམ་ཚུ་དོན་གོའི་ག།

དབའེ་མ་གོནི་བྱངམ་ཕྱད་མ་རྐྱབ་དྲག། སེམས་རིག་པའི་ལྕགས་ཀྱུས་བཏབ་ཏེ་གིས།། ཕོ་རྒྱལ་ས་ང་ལུ་ཁམ་མ་བཙོང་།།

ང་ཕུན་ཚོགས་བཀྲ་ཤིས་ཟེར་བའི་ཕོ་རྒྱ་འདི།། བུམོ་ཁྱོད་ཀྱི་དགའ་བའི་ཁྱད་མེད་རུང་།། སེམས་དམ་ཚིག་ཆེ་བའི་ཕོ་བཟང་ཨིན།།

རང་ཧེམ་ལུ་བུམ་དང་བུམ་མེད་རུང་།། རྒྱུ་བཟང་བའི་གསེར་དངུལ་བསྐྲམ་བཞག་བི།། ཕམ་བཟང་བའི་བུ་གཞི་མེན་རུང་ར།།

དཔོན་རིམ་འབྱོན་འཁྲུངས་སའི་གཡུས་ལས་ཨིན།། གཞན་བཟུམ་སྦེ་ཡོན་ཏན་མེད་རུང་ར།།

རང་མཐོ་རིམ་ཤེས་ཡོན་སྦྱངས་ཚར་ཡི།། འཕྲལ་ད་ལྟོ་ཧམ་པའི་གཡོག་མེད་རུང་།། རང་དགོ་པའི་པེ་ཤ་བཟོ་སྡོད་ཡི།།

ད་འབྲི་ཡི་འབྲི་ཡི་སྡོད་པ་ཅིན།། ཉིམ་ནུབ་ལུ་འཛུལ་རུང་འབྲི་མི་ཚར།། ད་ལ་སོ་ལ་སོ་ཟེར་ཏེ་གིས།།

མཇུག་བསྡུ་བའི་ཚིག་ཅིག་བཙུགས་ད་གེ། ང་བཤད་པའི་གཏམ་དང་ལོ་རྒྱས་ལུ།། ཁྱོད་རྔམ་ཏེ་ཧེད་བཏགས་མ་འཚོལ་སྨེ།།

དབངམོ་ངལ་ཏེ་སྡོད་པའི་དུས་ཚོད་ལུ།། རང་སྤྲོ་སྟེ་འཛུབ་གནོན་རྐྱབ་དཔ་ཨིན།། ཁྱོད་ལྷག་མི་འདི་ལུ་བཀའ་དྲིན་ཆེ།།

Comments

Post a Comment

Popular posts from this blog

རང་དགའ་བའི་བུ་མོའི་བསྟོད་རྩོམ།