སྙིང་ནས་འཁྲུལ་བའི་སྐྱོ་རྩོམ།

མི་ཚེ་འཁྲུལ་བའི་མཐོང་སྣང་ཞིག།
ཁྱོད་ཞལ་ཟླ་དང་འདྲ་ཡང་སྟོང་པར་འགྱུར།།
སེམས་ནི་ཞེ་སྡང་ང་རྒྱལ་ཁོང་ཁྲོས་གང།།
བདག་གིས་ལེགས་པའི་གཏམ་ཞིག་སྨྲ་ན་ཡང་།།
རྩུབ་པའི་གཏམ་དུ་བསྒྱུར་ནས་ན་ཟུག་སྟེར།།



སྐབས་རེ་དགའ་བ་སྟོང་གི་སྤྲོ་སྣང་ཞིང་།།
སྐབས་རེ་སྐྱོ་བ་འབུམ་གྱི་ན་ཟུག་ཞིག།
དགའ་སྐྱོ་མཉམ་དུ་འདྲིལ་བའི་ངེ་མི་ཚེ།།
ཡོད་ཚེ་རྟག་པ་མེད་པའི་ཚོར་སྣང་ཞིག།

ཁྱེད་ཀྱི་ཞལ་ལ་ཡོད་པའི་དགའ་འཛུམ་དེ།།
སྦེད་ནས་མ་བཞག་བདག་ལ་སྟོན་རོགས་གནང་།།
མིག་དང་སེམས་ལ་མཐུན་པའི་ཡིད་འོང་ཁྱེད།།
དེ་འདྲ་མ་བྱེད་ལག་པས་ཐལ་མོ་སྦྱོར།།


Comments

Popular posts from this blog

རང་དགའ་བའི་བུ་མོའི་བསྟོད་རྩོམ།

སྣང་བ་གང་ཤར་གྱི་བློ་ཟེ་དོན་གསལ་ཚིག་བསྡུས།