འགོ་ཐོག་ཕྱད་པའི་བུམོ།
བཅུད་དོན།
འཁྲབ་སྲུང་འདི་ འབྲི་བ་པོ་རང་ལུ་དངོས་སུ་བྱུང་བའི་ཚོར་སྣང་ཅིག་ཨིནམ་ལས་
དེ་ནང་བུ་ཚུ་ཕུན་ཚོགས་འདི་བུམོ་གི་མིང་དངོས་སུ་མ་སླབ་པར་ཡོད་མི་འདི་ལུ་ འགོ་དང་པ་མཐོ་རིམ་སློབ་གྲྭ་ནང་ལྷོད་པའི་སྐབས་སུ་
བུམོ་འདི་མཐོངམ་ཅིན་སེམས་ཆགས་ཏེ་ བུམོ་འདི་དང་འབྲེལ་བ་བཟོ་ཐབས་ལུ་ ཐབས་ཤེས་སྣ་ཚོགས་སྟོན་ཐོག་ལས་
མཐའ་མཇུག་ཁར་གཅིག་ཁར་སྡོད་ནི་ཐོབ་ཡོད་པའི་ ཉམས་བརྒྱད་ཀྱི་གནད་དོན་ཚུ་ཚུད་དེ་ཡོད་པའི་
འཁྲབ་སྲུང་ཐུང་ཀུ་ཅིག་འབྲི་སྟེ་ཡོདཔ་ཨིན།
འཁྲབ་རྩེདཔ།
རབ་རྒྱས།
མགོནམ་ལྷམོ།
ཚེ་རིང་སྒྲོལ་མ
རྣམ་རྒྱལ།
ལོ་ངོ་དང་པ་ཚུ་འགོ་དང་པ་ སློབ་གྲྭ་ནང་འོང་པའི་སྐབས་
སློབ་ཕྲུག་འཐུས་དཔོན་དང་ཚོགས་ཕྲན་ཁག་གི་འགོ་འདྲེན་པ་ཚུ་ཡང་ འབྱོན་ཞུའི་ལས་རིམ་ནང་འོང་ཞིནམ་ལས་
བསུ་བ་འབད་དེ་ཡུན་རིངམོ་འགྱོ་ཡོདཔ་ཨིན་པས། ཉིན་མའི་ལྟོ་ཡང་བཟའ་ཚར་སྦེ་ ལོག་སྟེ་རང་བསུ་བ་ནང་འོང་སྟེ་
ཕུན་ཚོགས་དང་རབ་རྒྱས་གཉིས་ ཇ་དང་ཆུ་ཚུ་བགྲང་སའི་གུར་སྤུབ་སྟེ་ཡོད་སར་ ཨ་རྩི་ངལ་འཚོ་སྟེ་སྡོདཔ་ཅིག་གི་བར་ན་
སྣུམ་འཁོར་གཅིག་ལྷོད་དེ་ དེ་ཁར་ལས་ བུམོ་འཇའ་རིངམོ་གཅིག་ཐོན་འོང་བའི་མཐོང་སྣང་།
ཕུན་ཚོགས། དབའེ། རབ་རྒྱས་ཨ་མ་བལྟ་ཤིག། ད་རིས་ཉིནམ་གཅིག་ནཱ་སྒུག་སྡོད་སྡོད་པར་ མཐའ་ མཇུག་ལུ་བུམོ་འཇའ་རིངམོ་གཅིག་མཐོང་ཡི་མས།
རབ་རྒྱས། ཀཱ་ལས། ང་གིས་འདི་མ་མཐོང་བ་ཡ།
ཕུན་ཚོགས། ཨ་མ་སི། སྣུམ་འཁོར་གིས་རྩ་བ་ལས་འོང་མི་འདི་ས།
རབ་རྒྱས། ཨེང་། དབའེ་ཨིནམ་པས་སྨོ།
འཇའ་རིངམོ་ཅིག་འདུག་རོགས།
དེམ་ཅིག་གི་བར་ན་ བུམོ་འདི་དང་མོ་གི་ཆ་རོགས་གཉིས་དེ་ཅིག་ཡོད་མི་འདི་
འཐུས་དཔོན་ཅིག་གིས་གུར་སྤུབ་སྟེ་ཡོད་སར་ཇ་འཐུང་པར་ཁྱིད་ཡོདཔ། གུར་ནང་ལྷོད་དེ་ ཕུན་ཚོགས་དང་རབ་རྒྱས་ལོག་ཅི་ལོག་ཅི་བུམོ་འདི་ལུ་བལྟ་ཡི་རང་
བློ་སླབ་སྟེ་སྡོད་པའི་བར་ན་རང་ མགོནམ་ལྷམོ་དང་ཚེ་རིང་སྒྲོལ་མ་ལྷོད་པའི་མཐོང་སྣང་།
རབ་རྒྱས། བུམོ་འདི་འཇའ་རིངམོ་ཅིག་འདུག་ས་སྨོ། མ་པ་ང་ཨ་རོགས་དགའ་རོགས་གཅིག་ཧེ་མ་ལས་ ཡོད་རུང་ བུམོ་འདི་ལུ་བལྟ་ཡི་རང་སེམས་ཆགས་དོ་མས་ཁོ་རེ།
ཕུན་ཚོགས། ཨ་དབའེ་ ཁྱོད་ཀྱི་སེམས་ཆགས་ནི་འདི་ཡང་དེམ་ཅིག་འབད་བཞག་ད། དེ་བ་འདི་ བུམོ་གི་ པར་ཅིག་བཏབ་བཞག་ས། ནངས་པ་ལས་འཚོལཝ་ད་འཇམ་པ་སྟེ། ཧ་ཧ།
རབ་རྒྱས། ཨིན་པས་སྨོ་ཁོ་རེ།
ང་གིས་པར་ཅིག་བཏབ་གེ་མས་འདིན།
པར་བཏབ་སྟེ་སྡོད་པའི་བར་ན་་་
མགོནམ་ལྷམོ། དབའེ་ རོགས་ཀྱི་པར་ནེ་ར་མ་བཏབ་ས། ང་བལྟན་ ལྷོད་ལོང་མེད་པར་སེམས་ཆགས་ ཆིཔ་འདྲས་མེན་ན་ བུམོ་འདི་ལུ།
ཚེ་རིང་སྒྲོལ་མ། དེ་སྦེ་ར་འདི་མ་འབད་ས། རོགས་ནཱ་ལྷོདཔ་ཅིན་པར་བཏབ་ས་ལས་བཏབ་སྦེ་ གཡང་ཟ་སྟེ་སྲོག་ཡང་གཅད་ནི་ ལཱ་མས།
རབ་རྒྱས། ག་ཅི་སྦེ་སྲོག་གཅད་ནི་ས། ང་བཅས་ཀྱི་གྲོས་ཀྱིས་འབད་
ལཱ་འགོ་བཙུགས་འོང་བཱ་སྟེ་ཁྱོད་ར། དེ་བསྒང་བལྟ་སྟེ་ སྡོད་ཤིག་སྨ་རེ།
ཕུན་ཚོགས། དབའེ་རབ་རྒྱས་ བུམོ་འདི་གི་པར་འདི་འབདན་ང་ཡང་དགོ་པས་མས།
མ་པ་ ལས་འཕྲོ་ཅན་གྱི་མ་གཏོགས་ རེ་བ་ཅན་གྱིས་མི་ཐོབ་ཟེར་སླབ་ནི་འདུག།
ཨིན་རུང་ ང་གིས་རེ་བ་ཅིག་ཡང་བསྐྱེད་དེ་འགྱོ་བའི་བསྒང་ལས ལས་འཕྲོ་ཅིག་མ་པ་ལས་ཡོད་ཟེར་དོ་བཟུམ་བསྐོས་ཏེ་ཐོན་འོང་མེན་ན།
ག་དེ་སྦེ་ཨིན་རུང་ ཚར་ཅིག་བལྟ་གེ་ མས།
བསུ་བའི་ལས་རིམ་ཉིནམ་གཅིགཔོ་འདི་ དེམ་ཅིག་སྦེ་རྫོགས་ཏེ་
རང་ར་སོ་སོའི་སྡོད་སར་འགྱོ་ཡོདཔ། ཉིནམ་གཉིས་ཀྱི་རྒྱབ་ལས་ ཕུན་ཚོགས་ཀྱི་སེམས་ཁར་བུམོ་འདི་དྲནམ་ལས་
ཝི་ཅེཊ་(WeChat)དང་གདོང་དེབ་ཀྱི་ངོ་རྟགས་ཚུ་འཚོལ་ནི་འགོ་བཙུགས་ཏེ་
མ་ཐོབ་པར་སྡོད་ནུག། དེ་ལས་ Laptop གདོང་ཁར་བཀལ་ ལགཔ་གཡོན་པ་མ་མཁལ་གུར་བཀལ་
འགྲུལ་འཕྲིན་ལགཔ་གཡས་པ་ཤེད་དེ་་ ཁོ་རའི་སེམས་ཁར་་་
ཕུན་ཚོགས། བུམོ་འདི་གི་མིང་འདིན་མི་ཤེས་ས། མོ་ངོ་ཤེས་མི་ཆ་རོགས་ཡང་མེད། ད་ག་དེ་སྦེ་འབདན་ན་སྨོ།
ཨེང་ ང་ བལྟན་རྣམ་རྒྱལ་ལུ་ཚར་ཅིག་དྲི་བལྟ་དགོ་ནི་མས་
ཡང་ཅིན་ཁ་གིས་ངོ་ཤེས་དོ་འོང་།
དེ་ལས་ ཕུན་ཚོགས་ཀྱིས་ཁོ་རའི་གཡུས་གཅིག་ཁར་འབད་མི་
རྣམ་རྒྱལ་ལུ་འགྲུལ་འཕྲིན་བཏང་ནི་་་
ཕུན་ཚོགས། ཧེ་ལོ་ རྣམ་རྒྱལ་ཨིན་ན།
རྣམ་རྒྱལ། ཧེ་ལོ་ ཨིན་ཨིན་དབའེ།
ཕུན་ཚོགས། ད་རིས་འབདན་ ཁྱོད་ཀྱིས་ང་ལུ་ཆ་རོགས་ཅིག་འབད་དགོ་པས་མས་ཁོ་རེ།
མ་པ་ ཆ་རོགས་ཟེར་འབད་དགོཔ་ ལོག་སུ་ཅིག་ག་ནི་ཡང་མེད། འབད་བྱིན་འོང་ག?
རྣམ་རྒྱལ། ག་ཅི་བཟུམ་གྱི་ཆ་རོགས?
འབད་ཚུགས་པ་ཅིན་འདི་འབད་བྱིན་ནི་ར་མམ་སྟེ།
ཕུན་ཚོགས། ང་གིས་བུམོ་གཅིག་བལྟ་བཞག་སྟེ་ཡོད་ས།
ག་དེ་འབད་རུང་ ང་གིས་པར་ཅིག་བཀལ་གེ། ཁྱོད་ཀྱི་ག་ཅི་འབད་ དགོཔ་སྨོ་ཟེར་བ་ཅིན་
མོ་གི་མིང་དང་ WeChat གི་ངོ་རྟགས་ཅིག་ཐོབ་ཚུགསཔ་སྦེ་འབད་གནང་མས།
ཉིནམ་གཅིག་གི་རྒྱབ་ལས་
ཕུན་ཚོགས་ཀྱི་དགོ་མི་ག་ར་ རྣམ་རྒྱལ་གྱིས་ཐོབ་ཡོདཔ་ལས་ སེམས་དགའ་སྟེ་ བུམོ་འདི་དང་གཅིག་ཁར་སྡོད་ནི་གོ་སྐབས་ཐོབ་ཡོདཔ་ཨིན་པའི་མཐོང་སྣང་དང་བཅས་
མཚམས་བཞག་པ་དང་གཅིག་ཁར་ ནཱ་ལས་ཕར་ག་ཅི་འབད་འོང་ག་ཟེར་བའི་དྲི་བ་ཚུ་ ལྷག་མི་རང་སོའི་རྒྱུད་ལུ་ཤེས་འདོད་བྱུང་ཐབས་ལུ་
དེམ་ཅིག་སྦེ་མཇུག་བསྡུཝ་ནི་ཨིན།

འཁྲབ་སྲུང་།
ReplyDelete