རང་དགའ་བའི་བུ་མོའི་བསྟོད་རྩོམ།
གཟུགས་བལ་ལས་འཇམ་པའི་ཁྱོད་ཀྱི་གཟུགས།།
གདོང་ལེགས་པ་པད་མའི་གཉེན་དང་མཚུངས།།
ངེ་དགའ་བའི་སེམས་འདི་ཁྱོད་ཀྱིས་རྐུ།།
རླུང་བསིལ་བའི་བརྩེ་ལྡན་མཛེས་མ་ཡིས།།
ངེ་ཁོག་པའི་ཧིང་གི་གཏམ་ཚིག་གསུམ།།
ད་དུག་ལུ་འགྱུར་ཏེ་མ་རུལཝ་ལས།།
བུམོ་ཁྱོད་ཀྱི་འཇམ་པའི་ཕངས་མ་ལུ།།
ཧེང་སྡོད་ནིའི་གོ་སྐབས་གནང་ཐབས་མཛད།།
ལོ་བརྒྱ་དང་སྟོང་སྦེ་སྡོད་རུང་ཡང་།།
ང་ཁྱོད་དང་སྡོད་པའི་འདོདཔ་མི་ཚིམས།།
བུམོ་ཁྱོད་ཀྱི་སེམས་ཀྱི་འབའ་གུ་ལུ།།
ང་ཀ་རེ་ཕོག་པའི་རེ་བ་ཡོད།།
ཁྱོད་ལེགས་པའི་ལོ་རྒྱུས་བཤད་དགོ་ན།།
ངེ་མི་ཚེ་གཅིག་ནང་སླབ་མི་ཚར།།
རོགས་གཞན་དང་གཞན་གྱིས་གན་སླབ་རུང་།།
ནོརབུ་ལགཔ་ལས་ཤོར་དེ་འགྱོ་མི་བཅུག།
ཁྱོད་བྱང་པའི་ན་ཟུག་རི་བཟུམ་འབག།
སེམས་བརྩེ་བའི་དག་སྣང་ཆུ་ལྟར་འཁྱིལ།།
ངེ་དྲོ་བའི་དོན་ཧིང་ནང་ན་ལུ།།
བུམོ་ཁྱོད་ཀྱིས་བསིལ་བའི་ཆུ་མ་བླུགས།།
Hello sir, Nice som la plz I request to have this som for sing a song???
ReplyDeleteSure la
Delete